您的位置: 网站首页 >> 新闻中心 >> 正文

关于严厉打击盗采砂金矿违法犯罪行为的联合告知书

发布日期:2026年08月13日     资料来源:      点击数:次    【字体:

打印分享到:

关于严厉打击盗采砂金矿违法犯罪行为的联合告知书



为切实维护阿里地区生态环境与矿产资源安全,筑牢青藏高原生态安全屏障,依据《中华人民共和国刑法》《中华人民共和国青藏高原生态保护法》《中华人民共和国矿产资源法》《中华人民共和国治安管理处罚法》《中华人民共和国行政处罚法》等法律法规及西藏自治区人民政府《关于禁止开采砂金矿的公告》等规定,凡未依法取得采矿许可证,擅自开采、以探代采或盗采砂金矿的,应当认定为严重违法犯罪行为,依法予以从严、从快、从重查处。现向社会告知如下:

一、 凡参与非法开采、运输、销售砂金矿的单位及个人,均须依法承担相应法律责任。

二、 凡明知他人实施非法开采、运输、销售砂金矿行为,仍为其提供场地、开采设备、电力、资金、运输、堆放等便利条件的,依法认定为共同违法主体,对相关单位及个人从严予以行政处罚;涉嫌构成犯罪的,移送司法机关依法追究共同犯罪刑事责任。

三、 凡利用网络平台、社交媒介组织、招揽、宣传盗采砂金矿活动的,依法予以取缔,并严肃追究相关单位及个人的法律责任。

四、 凡以“工程施工”“生态修复”或“勘查试验”为名义进行变相盗采,或采用任何方式掩饰非法盗采本质的行为,均按非法采矿论处;此类行为应当认定为主观恶意明显,将依法从严认定、从重处罚。

五、 凡涉矿企业、个体经营者及农牧民群众,须严格履行法定义务,主动配合执法检查;对拒不配合调查、隐匿证据,或以阻碍、威胁、围堵执法人员及暴力、胁迫方式抗拒执法的,依法从重追究法律责任。

六、 凡已实施盗采砂金矿违法犯罪行为的,应立即停止作业、撤出全部人员及设备,并于本告知书发布之日起七日内,主动向属地公安机关、自然资源部门说明情况、接受处理。凡主动停止盗采行为、上交非法所得、如实供述违法事实并积极配合调查的,依法予以从宽处理;逾期未主动说明情况、接受处理的,一经查实,将依法从重处罚;构成犯罪的,依法移送司法机关追究刑事责任。

七、 凡公职人员参与、纵容、窝藏、包庇盗采砂金矿行为的,应当依纪依法严肃处理,并视情节轻重给予党纪政务处分;涉嫌职务犯罪的,应当移送监察机关依法调查处置。

八、 鼓励社会各界积极参与举报,凡举报线索经查证属实的,依照《阿里地区矿产资源违法线索举报奖励办法(试行)》《阿里地区生态环境违法行为举报奖励办法(暂行)》给予奖励;对提供关键证据、协助破获重大案件的,最高可奖励人民币30万元;相关部门对举报人信息严格保密,依法保护其人身安全与合法权益,对打击报复举报人的,依法从严惩处。

本告知书自发布之日起施行。

阿里地区自然资源局

阿里地区中级人民法院

西藏自治区人民检察院阿里分院

阿里地区公安处

阿里地区司法处

阿里地区生态环境局

2026年7月29日


གསེར་གཏེར་ལྐོག་འདོན་གྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་མངའ་རིས་ས་ཁུལ་རང་བྱུང་ཐོན་ཁུངས་ཅུད་དང་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང།  མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ། མངའ་རིས་ས་ཁུལ་ཁྲིམས་འཛིན་ཁྲུའུ། དེ་བཞིན་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུད་བཅས་ཀྱི་མཉམ་འབྲེལ་གསལ་བརྡ།

མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་གཏེར་ཁའི་ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་སྐྲུན་ཆེད།      《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི《གསེར་གཏེར་སྔོག་འདོན་གཏན་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》སོགས་ཀྱི་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་གཏེར་ཁ་སྔོག་འདོན་བྱས་ཆོག་པའི་ལག་ཁྱེར་མེད་པར་རང་མཚམས་ཀྱིས་གསེར་གཏེར་སྔོག་འདོན་དང་། འཚོལ་ཞིབ་ལ་བརྟེན་ནས་སྔོག་འདོན་གྱི་ཚབ་བྱེད་པའམ་ཡང་ན་གསེར་གཏེར་ལྐོག་འདོན་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་རིགས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་དང་གང་མགྱོགས། ལྗིད་པོ་བཅས་བྱེད་རྒྱུ་སྟེ།  ད་ལྟ་སྤྱི་ཚོགས་ཐོག་གསལ་བརྡ་གཏོང་རྒྱུ་གཤམ་གསལ།  

གཅིག ཁྲིམས་འགལ་གྱིས་གསེར་གཏེར་སྔོག་འདོན་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་པའི་ནང་ཞུགས་མཁན་ཚན་པ་དང་མི་སྒེར་སུ་ཡིན་རུང་ཚང་མས་ངེས་པར་དུ་ཁྲིམས་ལྟར་དེ་བསྟུན་གྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས།

གཉིས།  མི་གཞན་གྱིས་ཁྲིམས་འགལ་ངང་གསེར་གཏེར་སྔོག་འདོན་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱེད་པའི་བྱ་སྤྱོད་སྤེལ་བ་ཤེས་བཞིན་དུ་སྔར་བཞིན་དེར་ས་ཆ་དང་སྔོག་འདོན་སྒྲིག་ཆས། གློག་ཤུགས། མ་དངུལ། སྐྱེལ་འདྲེན། སྤུང་འཇོག་བྱེད་ས་སོགས་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱས་ཚེ། ཁྲིམས་ལྟར་མཉམ་དུ་ཁྲིམས་འགལ་བྱེད་པོར་ངོས་འཛིན་བྱས་ཏེ་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་སྲིད་འཛིན་གྱི་ཆད་པ་ནན་པོ་གཅོད་རྒྱུ། ཉེས་པ་གྲུབ་པའི་དོགས་གཞི་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་མཉམ་དུ་ཉེས་པ་གྲུབ་པའི་ཉེས་འགན་བདའ་འདེད་གཏོང་རྒྱུར་རྩིས་སྤྲོད་བྱེད་རྒྱུ།

གསུམ། དྲ་རྒྱའི་ལས་སྟེགས་དང་འབྲེལ་ལམ་སྨྱན་སྦྱོར་སྤྱད་ནས་གསེར་གཏེར་སྔོག་འདོན་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་འགུག་ཐབས་དང་དྲིལ་བསྒྲགས་བྱེད་རིགས་ཁྲིམས་ལྟར་གཏན་འགོག་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་བཅའ་ཁྲིམས་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ།

བཞི། “ལས་གྲྭ་འཛུགས་སྐྲུན”དང་“སྐྱེ་ཁམས་ཉམས་གསོ”ཡང་ན“རྩད་ཞིབ་ཚོད་ལྟའི”མིང་ཐོག་ནས་ཐབས་སྒྱུར་ཏེ་ལྐོག་འདོན་བྱེད་པའམ་ཡང་ན་བྱེད་ཐབས་གང་རུང་སྤྱད་དེ་ཁྲིམས་འགལ་གྱིས་ལྐོག་འདོན་བྱེད་པའི་ངོ་བོ་གཡོ་འགེབས་ཀྱི་བྱ་སྤྱོད་ཚང་མ་ཁྲིམས་འགལ་གྱིས་སྔོག་འདོན་བྱས་པར་བརྩིས་ནས་ཐག་གཅོད་བྱེད་རྒྱུ།  བྱ་སྤྱོད་དེ་རིགས་ནི་བསམ་ངན་བཅངས་པ་མངོན་གསལ་དོད་པར་ངོས་འཛིན་བྱས་ཏེ་ཁྲིམས་ལྟར་ཐག་གཅོད་ནན་པོ་དང་ཆད་པ་ལྗིད་པོ་གཅོད་རྒྱུ།

ལྔ།  གཏེར་ཁ་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་སྒེར་གཉེར་བྱེད་མཁན། དེ་བཞིན་ཞིང་འབྲོག་མང་ཚོགས་བཅས་ཀྱིས་ངེས་པར་དུ་ཁྲིམས་བཀོད་འོས་འགན་ལག་བསྟར་ནན་པོ་བྱས་ཏེ་རང་འགུལ་ངང་ཁྲིམས་བསྟར་ཞིབ་བཤེར་བྱེད་རྒྱུར་གཞོགས་འདེགས་བྱེད་དགོས།བརྟག་དཔྱད་ལ་གཞོགས་འདེགས་མི་བྱེད་པར་དཔང་རྟགས་སྦས་གསང་བྱེད་པའམ་ཡང་ན་ཁྲིམས་བསྟར་མི་སྣ་བཀག་འགོག་དང་འཇིགས་སྐུལ། སྐོར་བཀག  དེ་བཞིན་དྲག་ཤུགས་དང་བཙན་ཤེད་ཀྱི་བྱ་ཐབས་སྤྱད་དེ་ཁྲིམས་བསྟར་ལ་འགོག་རྒོལ་བྱས་ཚེ་ཁྲིམས་ལྟར་ཁྲིམས་ཆད་ལྗིད་པོ་གཅོད་རྒྱུ།

དྲུག  གསེར་གཏེར་ལྐོག་འདོན་གྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྤེལ་ཚར་ན། ལམ་སེང་ལས་ཀ་བྱེད་མཚམས་འཇོག་དགོས། མི་དང་སྒྲིག་ཆས་ཡོངས་རྫོགས་ཕྱིར་འཐེན་བྱེད་དགོས་པ་མ་ཟད། གསལ་བརྡ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ཉིན་བདུན་ནང་ཚུན་དུ་རང་འགུལ་ངང་ཁོངས་གཏོགས་ཀྱི་ས་གནས་སྤྱི་བདེ་ལས་ཁུངས་དང་རང་བྱུང་ཐོན་ཁུངས་ཚན་པར་གནས་ཚུལ་གསལ་བཤད་དང་ཐག་གཅོད་དང་ལེན་བྱེད་དགོས། རང་འགུལ་ངང་ལྐོག་འདོན་གྱི་བྱ་སྤྱོད་མཚམས་འཇོག་པ་དང་ཁྲིམས་འགལ་གྱི་ཐོབ་ཆ་ཡར་སྤྲོད་པ། ཁྲིམས་དང་འགལ་ཚུལ་ཇི་མ་ཇི་བཞིན་ངོས་ལེན་བྱེད་པ་མ་ཟད་བརྟག་དཔྱད་ལ་གཞོགས་འདེགས་ཧུར་ཐག་བྱེད་རིགས་ཡིན་ཕྱིན།  ཁྲིམས་ལྟར་གུ་ཡངས་སུ་གཏོང་རྒྱུ།  དུས་བཀག་ལས་ཡོལ་ཡང་རང་འགུལ་ངང་གནས་ཚུལ་གསལ་བཤད་མ་བྱས་པ་དང་ཐག་གཅོད་དང་ལེན་མ་བྱས་ན། རྩད་ཆོད་རྗེས་ཁྲིམས་ལྟར་ཉེས་ཆད་ལྗིད་པོ་གཅོད་རྒྱུ།  ཉེས་པ་གྲུབ་ཚེ་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་ཉེས་འགན་བདའ་འདེད་གཏོང་རྒྱུར་རྩིས་སྤྲོད་བྱེད་རྒྱུ།

བདུན།  གཞུང་ཞབས་པས་གསེར་གཏེར་རྐུ་འདོན་བྱེད་པའི་བྱ་སྤྱོད་ནང་ཞུགས་པ་དང་། རྒྱ་ཡན་དུ་གཏོང་བ། སྦས་པ། འགེབས་སྲུང་བཅས་བྱས་ཚེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་དགོས་པ་མ་ཟད། བྱས་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་གཅོད་རྒྱུ། ལས་ཐོག་ཉེས་གསོག་གི་དོགས་གཞི་ཡོད་ན། ལྟ་ཞིབ་ལས་ཁུངས་ལ་ཁྲིམས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུར་སྐྱེལ་རྒྱུ།

བརྒྱད། སྤྱི་ཚོགས་ལས་རིགས་ཁག་གིས་ཐེར་འདོན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ཐེར་འདོན་ཁུངས་སྣེ་ཞིབ་བཤེར་ར་སྤྲོད་བྱས་པ་བརྒྱུད་དོན་དངོས་ཡིན་ཕྱིན《མངའ་རིས་ས་ཁུལ་གཏེར་ཁའི་ཐོན་ཁུངས་ཀྱི་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱས་པར་བྱ་དགའ་སྤྲོད་ཐབས(ཚོད་ལྟའི་ལག་བསྟར)》དང་《མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་པར་བྱ་དགའ་སྤྲོད་ཐབས(གནས་སྐབས་ལག་བསྟར)》ལྟར་འགག་རྩའི་དཔང་རྟགས་མཁོ་འདོན་དང་གྱོད་གཞི་གལ་ཆེན་རྩད་ཆོད་བྱེད་རོགས་བྱེད་མཁན་ལ་བྱ་དགའ་མང་ཤོས་མི་དམངས་ཤོག་སྒོར་ཁྲི་30སྤྲོད་རྒྱུ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱེད་པ་དང་། ཁྲིམས་ལྟར་དེའི་མི་ལུས་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་གཏོང་བ་དང་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་བཅས་སོ།

གསལ་བརྡ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

མངའ་རིས་ས་ཁུལ་རང་བྱུང་ཐོན་ཁུངས་ཅུད།

མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།

བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་།

མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ

མངའ་རིས་ས་ཁུལ་ཁྲིམས་འཛིན་ཁྲུའུ

མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུད།

2026ལོའི་ཟླ་7ཚེས་29ཉིན།


下一条:阿里地区开展2026年生态环境保护执法实战大练兵系列活动